39022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བ་མེན་ (1)
Part of speech མིང་ཚིག
Definition བ་ལང་དང་རིགས་འདྲ་བའི་རི་དྭགས་ཤིག་གི་མིང་། གླང་རྒོད་དང་ཡུལ་པའི་བ་མོ་གཉིས་འདུས་པ་ལས་བྱུང་བའི་རི་དྭགས་ཀྱི་རིགས་ཤིག ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལས་ཀྱང་། བ་མེན་ནི་རོང་མཚམས་སུ་གནས་ཀྱི་བ་མེན་ཟེར་བ། གླང་རྒོད་དང་ཡུལ་པའི་བ་གཉིས་འདུས་པའི་རིགས་ལ་ཟེར། འདི་ནི་པདྨ་བཀོད་དང་། སྤོ་བོའི་ནང་ལ་མང་པོ་ཡོད། ཅེས་གསུངས་པ་ལྟར་རོ། །སློབ་དཔོན་ཞི་བ་འཚོས། གང་ལ་བ་མེན་ཇི་འདྲ་ཞེས། །གྲོང་པ་དག་གིས་དྲིས་པ་ན། །བ་ལང་ཅི་འདྲ་དེ་འདྲ་ཞེས། །འབྲོག་པས་སྨྲས་པ་ལྟ་བུའོ། །ཞེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོར་དྲངས་པ་ལྟར་རོ། །ངེས་ཚིག་ནི། བ་མེན་ནི་ལེགས་སྦྱར་དུ་ག་བ་ཡ་ཞེས་པ་སྟེ། བ་ལང་འདྲ་ཞེས་པའམ་བ་ལང་དང་དབྱིབས་འདྲ་ཞེས་པའི་དོན་ཡིན་པ། སཾ་བོད་སྐད་གཉིས་ཤན་སྦྱར་དང་བསྟན་དར་ལྷ་རམས་པ་སོགས་ཀྱིས་གསུངས།

{{#arraymap:བ་མེན་

|; |@@@ | | }}

བ་མེན་ (2)
Part of speech མིང་ཚིག
Definition བ་ལང་དང་ནོར་གཞན་སྡེབ་སྦྱོར་བྱས་པའི་ནོར་གྱི་མིང་། བ་གླང་དང་དབྱིབས་འདྲ་བའི་སྲོག་ཆགས་ལྐོག་ཤལ་མེད་པ་ཞིག་གི་མིང་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། བ་མེན་ནི་ལེགས་སྦྱར་དུ་ག་བ་ཡ་ཞེས་པ་སྟེ། བ་ལང་དང་དབྱིབས་འདྲ་བ་ཞེས་པའི་དོན་ནོ། །ཞེས་དང༌། གྲུབ་མཐའ་རྩ་འགྲེལ་གྱི་ཟིན་བྲིས་ལས། བ་མེན་ནི་བ་ལང་དང་འདྲ་བའི་སྲོག་ཆགས་ལྐོག་ཤལ་མེད་པ་ཞིག་གི་མིང༌། ཞེས་གསུངས།

{{#arraymap:བ་མེན་

|; |@@@ | | }}