39059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བ་ར་རུ་ཅི་ (1)
Part of speech མིང་ཚིག
Definition སློབ་དཔོན་མཆོག་སྲེད་དེ། དེའི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་ལ་བརྩོན་པ་འཕགས་པ་ཀླུ་སྒྲུབ་ན་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཅིག་མ་གདྷྭའི་ཤར་ཕྱོགས་ར་རུའི་ཡུལ་ན་ཡོད་པ་ལས། ལོ་བཅུ་གཉིས་སུ་སྤྱན་རས་གཟིགས་ཀྱི་སྔགས་བཟླས། གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་ནས་སྤྱན་རས་གཟིགས་ཞལ་བསྟན་ནས་ནག་པོ་ཆེན་པོ་མངག་གཞུག་ཏུ་གནང་། རིགས་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང་། རི་ལུ་ལ་སོགས་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེ་རེ་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་གིས་ཀྱང་ཁོང་བླ་མར་འཛིན། དེ་ནས་ནུབ་ཕྱོགས་ཡུལ་དུ་སོང་ནས་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་ལ་ཕན་བཏགས། ཝ་ར་ཎ་སིར་དོན་ཆེར་བྱས། ཀཱ་ལོ་དཱ་སའི་ལོ་རྒྱུས་སྦྱར། བྲམ་ཟེ་མཆོག་སྲེད་ཀྱིས་རིགས་སྔགས་ཀྱི་མཐུས་ཀླུའི་རྒྱལ་པོ་ཤེ་ཥ་བཀུག་ནས་ལྷོ་ཕྱོགས་རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་སློབ་པའི་སློབ་དཔོན་དུ་བྱས། སྒྲ་ལ་སོགས་པ་རིག་པའི་གནས་མང་དུ་བསྟན། མཐར་ནག་པོ་ཆེན་པོས་ཕྲག་པ་ལ་ཐོགས་ཏེ། རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ་ཞེས་རྒྱ་གར་ཆོས་འབྱུང་ལས་གསལ།

{{#arraymap:བ་ར་རུ་ཅི་

|; |@@@ | | }}