3906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་ (1)
Part of speech མིང་ཚིག
Definition ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས། འགལ་བའི་འབྲས་བུ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་སྟེ།
Example ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་རོ། །
Domain ཚད་མ།

{{#arraymap:ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་

|; |@@@ | | }}