39072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བ་རི་ཆོས་གྲགས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་སྐུ་འཁྲུངས། བོད་ཡུལ་ནས་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དགྱེས་པ་རྡོ་རྗེའི་མཎྜལ་གྱི་ཆོ་ག་དང་། ཀྱེ་རྡོ་རྗེའི་བསྟོད་པ། སྦྱིན་སྲེག་གི་ཆོ་ག དམ་ཚིག་ལྔ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་རྣམ་པར་འཐགས་པ། དཔལ་ཕག་མོ་དཀར་མོའི་སྒྲུབ་ཐབས། ཁྭ་གདོང་མ་སྲང་མདའ་ནག་པོ། སྒྲོལ་མའི་མན་ངག་མེ་ལོང་དྭངས་པ། མ་ཧེའི་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ཙུནྡའི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས་བཅས་ཆོས་ཚན་གྱ་གཉིས་བཞུགས།

{{#arraymap:བ་རི་ཆོས་གྲགས་

|; |@@@ | | }}