39078
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བ་རི་ལོ་ཙྭ་བ་རིན་ཆེན་གྲགས་ཏེ། རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༡༤ ལོར་སྟོད་མངའ་རིས་སུ་འཁྲུངས། དོན་གཤེགས་དང་། སྲུང་བ་ལྔ། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་མཛད། རབ་བྱུང་གཉིས་པའི་ཆུ་སྟག་ཕྱི་ལོ་ ༡༡༠༢ ལོར་ས་སྐྱ་གོང་མ་འཁོན་དཀོན་མཆོག་རྒྱལ་པོ་སྐུ་གཤེགས་པས། རྗེ་འདིས་ས་སྐྱའི་གདན་ས་ལོ་བཅུའི་བར་བསྐྱངས། དགུང་ལོ་དོན་གཉིས་པ་རབ་བྱུང་གཉིས་པའི་ལྕགས་ཡོས་ཕྱི་ལོ་ ༡༡༡༡ ལོར་སྐུ་གཤེགས། |
{{#arraymap:བ་རི་བ་
|; |@@@ | | }}