39090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བ་རུ་ར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྡོང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཅུང་རིང་ལ་ཕྱི་པགས་སེར་སྐྱ་ཡིན་པ་དང༌། རྩེར་ཡལ་ག་དང་ཡལ་ཕྲན་གྱེས་ཤིང་། ལོ་མ་ལྗང་སེར་སྲབ་ཅིང་སྒོར་ལ་འཇམ་པའི་མཐའ་མཉམ་པ་ངར་བ་རིང་བ་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་ལ་སེར་མདངས་ཅན་ཆུང་ངུ་འདབ་མ་ལྔ་དང་ལྡན་པ་ལོ་མའི་ངར་པའི་མཚམས་ནས་འཆར་བ། འབྲས་བུ་སྔོ་ལྗང་སྨིན་ཚེ་ལྗང་སེར་དུ་འགྱུར་བ། མདོག་སྐྱ་བོ་དང་ལྗང་ཞད་ཅན་བཟང་ཞིང༌། ནག་ལ་སུལ་རིས་ཅན་མ་སྨིན་པ་ཡིན་པས་ཞན་པ་སྟེ། རྒྱ་གར་དང༌། འབྲས་ལྗོངས། བལ་ཡུལ། ཡུན་ནན་གྱི་ཤི་ཧྲོང་པ་ན་སོགས་སུ་སྐྱེ་བ་མང་བ་དང༌། སྨན་དུ་བོད་ཟླ་དགུ་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཧམ་རུལ་མ་ཤོར་བར་སྐམ་གསེད་གཏོང་དགོས་པ་དང༌། བེད་སྤྱོད་སྐབས་ཕྱིའི་ཤ་ཁོ་ན་སྤྱོད་དགོས་ཤིང༌། ལུམས་སོགས་ལུས་པའི་ཕྱི་ལ་སྤྱོད་དགོས་ཚེ་ཤ་རུས་མཉམ་དུ་གཏོང་ཆོག རོ་བསྐ་ཞིང་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྟུལ་ལ་སྐམ་པ། གཙོ་བོ་བད་མཁྲིས་ཀྱི་ནད་དང༌། ཆུ་སེར་གྱི་ནད། རླུང་དང་མིག་ནད། ཚད་པ། སྐྲ་བྱི་བ་སོགས་ལ་ཕན་པ་དང༌། ཁྱད་པར་ཆུ་སེར་ནག་པོར་བསྔགས་པ་ཡིན།
Domain གསོ་རིག

{{#arraymap:བ་རུ་ར་

|; |@@@ | | }}