3914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱབ་བྱེད་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་ཞིག། རྟགས་དེའི་དགག་ཆོས་དེའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བའི་གཏན་ཚིགས། རྒྱུ་མཚན་མ་རྟོགས་པར་གཞི་དེ་དང་དེ་མེད་པར་ལྟ་བའི་སྐུར་འདེབས་འགོག་བྱེད་ཀྱི་ཚུལ་གསུམ་ཞིག་སྟེ། དཔེར། ཐར་པ་དང་། ཐམས་ཅད་མཁྱེན་པ་མེད་པའི་རྒྱུ་མཚན་མ་རྟོགས་པར་དེ་དག་མེད་པར་ལྟ་བའི་རང་གཞན་གཉིས་འཕུང་གི་ལོག་རྟོག་ཟློག་སླད་དུ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྒྱང་འཕེན་གྱིི་ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་སྒྲུབ་བྱེད་དགག་པའི་ཆེད་དུ་ཡིན་ཏེ། རྒྱང་འཕེན་གྱིས་དེ་དག་མེད་དེ། དེ་དག་རྒྱང་འཕེན་གྱིས་ཚད་མས་མ་དམིགས་ཕྱིར། ཞེས་འགོད་པ་དགག་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ། དེ་དག་མེད་པར་རྒྱང་འཕེན་གྱིས་དམ་བཅའ་མི་རིགས་ཏེ། དེེ་དག་མེད་པར་རྒྱང་འཕེན་གྱིས་ཚད་མས་མ་དམིགས་པའི་ཕྱིར་ཞེས་གསུངས། མདོར་ན་རྒྱུ་མཚན་ཅི་ཡང་མ་ངེས་པར་སྐྱོན་དང་ཡོན་ཏན་རང་འགར་ལྟ་མི་ཉན་པ་བསྟན་ཏོ། །
Domain ཚད་མ།

{{#arraymap:ཁྱབ་བྱེད་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་

|; |@@@ | | }}