From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བ་ལི་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ལ། གཞུང་རྟ་ཁྲུ་གང་ཙམ་སྐྱེ་བ། ལོ་མ་ཆེ་ཞིང་བ་སྤུ་དཀར་པོས་ཁྱབ་པ། མེ་ཏོག་དཀར་པོ་ཤིང་བལ་དང་འདྲ་ལ། བསྐམས་ན་ཡང་མདོག་མི་འགྱུར་བ། དྲི་ཞིམ་ཅན་ཞིག་ཡིན།
|
བ་ལི་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རུས་ཆེན་སྦྲ་རིགས་ཀྱི་ཁོངས་སུ་གཏོགས་པའི་རུས་ཤིག་སྟེ། བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ་ལས། བར་མཁར་རེ་ས་ཆ་སྨད་བ་ལིའི་ས་ཆ་ཡིན་ལ། བ་ལི་ཡང་སྦྲ་བ་ལི་ཟེར་བའི་གདུང་རུས་ཡིན། ཞེས་གསུངས་པ་ལྟར་དང༌། ཡང་དེ་ཉིད་ལས། བ་ལི་ཨ་ཆེན་སྟག་ཕྲུག་སོགས་མི་དཔོན་ཡང་ཕོ་རྩལ་ཀུན་ལྡན་མང་དུ་བྱུང་ཞེས་གསུངས་ལྟར་རོ། །
|
བ་ལི་ (3)
| Part of speech
|
མིང་ཚིག
|
| Definition
|
གཏོར་མ།
|
| Foreign
|
རྒྱ་གར།
|