39163
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གནས་བྱེད་ཅེས་འགྱུར་བར་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས་གསུངས། བ་ཤ་ཡིས་ཁྲག་ཚད་རོལ་དུ་གསོད། ཅེས་པར། རང་བྱུང་པས། བ་ཤ་ཀ་ཡི་ཁྲག་ནད་སེལ། འཁྲུངས་དཔེར། བ་ཤ་ཀ་ཞེས་བྱ་བའི་ཤིང། །སྡོང་པོ་ཆེ་ལ་ལོ་མ་མཐུག ། མེ་ཏོག་དཀར་སེར་མདངས་དང་ལྡན། །རོ་ནི་ཁ་ལ་ནུས་པ་བསིལ། །རང་གི་ནུས་པས་གཟེར་རིགས་ཐུབ། །མདོར་ན་མཚན་ཚད་ཁྲག་མཁྲིས་སེལ། །ཞེས་གསུངས་པ་ལྟར་རོ། ། |
Foreign | རྒྱ་གར། |
Synonyms | བ་ཤ་ཀ ཆོས། བྱི་བ། བྲི་ཥ། རོ་ཙ་བ། མ་ཏ་པ་རི། པི་ཀ་ཤ་ཡ། གབ་ཏུ་ཁྲག་སྐེམ། ཁྲག་འཐུང༌། |
{{#arraymap:བ་ཤ་ཀ་
|; |@@@ | | }}