39197
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བདུན་པའི་ཆུ་རྟ་ཕྱི་ལོ ༡༤༠༢ ལོར་གཙང་ལ་སྟོད་ལྡོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་འབྲོག་རྒྱལ་མོ་བུ་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་རྗེ་ཙོང་ཁ་པ་ཡབ་སྲས་བསྟེན། མཁས་གྲུབ་རྗེ་ལས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བཀའ་དང་། དགོངས་འགྲེལ་གྱི་བསྟན་བཅོས་མང་པོར་གསན། གསང་ཕུ་ར་བ་སྨད་དུ་འཆད་ཉན་མཛད། གཙང་གི་བ་སོ་དགོན་གྱི་འཆད་ཉན་གྱི་སློབ་དཔོན་ཡུན་རིང་བཞུགས་པས་བ་སོ་ཆོས་རྒྱན་དུ་གྲགས། ཤབ་སྟོད་སེང་གེའི་ཉེ་སར་རི་བོ་བདེ་ཆེན་ཞེས་པའི་རི་ཁྲོད་བཏབ། རེ་གཅིག་པར་བཀྲ་ཤིས་ལྷུན་པར་གདན་དྲངས། རེ་གཉིས་པ་ཕྱི་ལོ ༡༤༦༤ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་དང་། བསྙེན་རྫོགས་ཀྱི་སྡོམ་པ་དང་། བཤད་ཁྲིད་དབང་ལུང་མན་ངག་སོགས་མཐའ་ཡས་པ་བསྩལ། དགའ་ལྡན་འདུ་རྒྱལ་བ་སེང་གེ་ང་རོའི་གསེར་སྐུ་ལྷ་ཁང་བཅས་པ་དང་། ཁྲི་ཆེན་གོང་མ་རིམ་བྱོན་གྱི་སྐུ་བརྙན་སོགས་བཞེངས། རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ ༡༤༧༣ ལོར་དགའ་ལྡན་བྱང་གླིང་དུ་སྐུ་གཤེགས། དགའ་ལྡན་ཁྲི་ཐོག་དྲུག་པ་ཡིན། བ་སོ་སྤྲུལ་སྐུ་རྟ་ཚག་སྐུ་ཕྲེང་དང་པོ་ཡིན། སློབ་མ་གྲགས་ཆེ་བ་ནི་གནས་རྙིང་ཀུན་དགའ་བདེ་ལེགས་དང་། ཁྱུང་པོ་དགེ་འདུན་བཟང་པོ། མདོ་སྨད་པ་ཆོས་ཀྱི་རྡོ་རྗེ། སྟོད་ལུང་པ་དཔལ་ལྡན་རྡོ་རྗེ། ཁམས་པ་རྡོ་རྗེ་དཔལ་བཅས་ཡིན། གསུང་རྩོམ་ནི་མགུར་མ་དང་། དུས་འཁོར་གྱི་བསྐྱེད་རིམ། དབུ་མའི་ལྟ་ཁྲིད། གསང་འདུས་ལམ་རིམ་དམར་ཁྲིད། འཇིགས་བྱེད་བསྐྱེད་རིམ་རྣམ་བཤད། རྫོགས་རིམ་རིམ་ལྔའི་ཁྲིད་བཅས་པོ་ཏི་གཅིག་ཏུ་བཞུགས། |
{{#arraymap:བ་སོ་ཆོས་ཀྱི་རྒྱལ་མཚན་
|; |@@@ | | }}