From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྱབ་མཉམ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆེ་ཆུང་ངམ་མཐོ་དམན་ལ་མ་ལྟོས་པར་གཅིག་མཚུངས་ཡིན་པའི་དོན་ཏེ།
|
| Example
|
ཁྲིམས་ལ་ངོ་ཆེན་མེད་པར་ཁྱབ་མཉམ་གྱིས་འཁུར་དགོས་ལྟ་བུ།
|
ཁྱབ་མཉམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་གཉིས་ཕན་ཚུན་ཡིན་ན་ཡིན་མཉམ་དང་། མིན་ན་མིན་མཉམ་སྟེ།
|
| Example
|
འདུས་བྱས་དང་མི་རྟག་པ་ལྟ་བུའོ། །
|
ཁྱབ་མཉམ་ (3)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཁྱབ་མཉམ་གྱི་མཚན་ཉིད། ཁྱོད་ཆོས་དེ་ལས་ཐ་དད། ཁྱོད་བཀག་ན་ཡང་ཆོས་དེ་ཁེགས། ཆོས་དེ་བཀག་ན་ཡང་ཁྱོད་ཁེགས་པ། ཞེས་གསུངས།
|
| Domain
|
ཚད་མ།
|