39257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཁྱད་ཆོས་བཞི་ལྡན་གྱི་གསུང་རབ་ཏུ་དམིགས་པ་དེ་ཡིན་ཏེ། རྒྱུད་བླ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེ་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་ཕྱིར་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། ཞེས་གསུངས་པའི་ཕྱིར། བཀའ་བརྒྱད་སྟོང་པ་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། བདག་རྐྱེན་གྱི་ཁྱད་པར། བརྗོད་བྱའི་ཁྱད་པར། ཕན་ཡོན་གྱི་ཁྱད་པར། ངོ་བོའི་ཁྱད་པར་བཞི་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། རང་གིས་བདག་རྐྱེན་དུ་གྱུར་བའི་འབྲས་བུ་ཤེར་ཕྱིན་ལས་འཁྲུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡུག་བསྔལ་དང་ཉོན་མོངས་མཐའ་དག་སྤོང་བའི་གཉེན་པོ་རྫོགས་པར་སྟོན་པའི་ཕྱིར། གསུམ་པ་གྲུབ་སྟེ། སྒྲིབ་གཉིས་མཐའ་དག་ཞི་བར་བྱེད་པའི་ཕན་ཡོན་དང་ལྡན་པའི་ཕྱིར། བཞི་པ་གྲུབ་སྟེ། སྒྲ་སྐྱོན་མཐའ་དག་དང་བྲལ་བའི་གསུང་རབ་ཡིན་པའི་ཕྱིར། དབྱེ་བ་ལ། གཉེན་པོ་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། ཡན་ལག་གི་སྒོ་ནས་དབྱེ་ན། གསུངས་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི། ངོ་བོའི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས། བྱེད་ལས་ཀྱི་སྒོ་ནས་དབྱེ་ན། སྡེ་སྣོདརིན་པོ་ཆེ་རྣམ་པ་གསུམ། བརྗོད་བྱའི་སྒོ་ནས་དབྱེ་ན། དྲང་ངེས་ཀྱི་མདོ་གཉིས། གདུལ་བྱའི་སྒོ་ནས་དབྱེ་ན། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཡོད་དོ། །
Domain ཆོས་ལུགས།

{{#arraymap:བཀའ་

|; |@@@ | | }}

བཀའ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཁྱད་ཆོས་བཞི་དང་ལྡན་པའི་རྒྱལ་བའི་གསུང་རབ། དེ་ལ་དབྱེ་ན། ཞལ་ནས་གསུང་པའིི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ།

{{#arraymap:བཀའ་

|; |@@@ | | }}

བཀའ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། བརྗོད་བྱ་དོན་དང་ལྡན་པ་སོགས་ཁྱད་ཆོས་བཞི་པོ་གང་རུང་དང་ལྡན་པའི་སངས་རྒྱས་ཀྱི་གསུང། དེ་ལ་དབྱེ་ན། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ་ལས། དང་པོ་གཉིས་འགལ་ཏེ། ཞལ་ནས་གསུངས་པའི་བཀའ་དང། སངས་འཕགས་རང་རྒྱུད་ཀྱི་བསྡུས་པའི་བཀའ་དོན་གཅིག གཉིས་པ་དང་གདུལ་བྱའི་རྒྱུད་ཀྱི་བསྡུས་པའི་བཀའ་དོན་གཅིག་པའི་ཕྱིར། དང་པོ་དང་གསུམ་པ་མི་འགལ་ཏེ། ཤེས་རབ་སྙིང་པོའི་མདོ་ཚིག་ཏུ་གྱུར་པའི་རིགས་ཀྱི་བུ་དེ་དེ་བཞིན་ནོ་ཞེས་སོགས་ཀྱི་མདོ་དེ། དེ་གཉིས་ཀ་ཡིན་པའི་ཕྱིར། མཚན་གཞི་ནི། ལང་དཀར་གཤེགས་པའི་མདོ་དེ་དང་པོ་ཡིན། གཉིས་པ་ལ་གསུམ་ལས། ས་བཅུ་པའི་མདོ་དེ་སྐུས་བྱིན་གྱིས་བརླབས་པའི་དེ་ཡིན། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་དེ་གསུང་གི་བྱིན་གྱིས་བརླབས་པའི་བཀའ་ཡིན། ཤེས་རབ་སྙིང་པོའི་མདོ་དེ་ཐུགས་ཀྱི་བྱིན་གྱི་རླབས་པའི་བཀའ་ཡིན།

{{#arraymap:བཀའ་

|; |@@@ | | }}

བཀའ་ (4)
Part of speech མིང་ཚིག
Definition སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བཀའ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཆེ་བ་བཞི་ལྡན་གྱི་གསུང་རབ་མཐར་ཐུག་དེ་བཀའི་ངོ་བོར་འཇོག ཆེ་བ་བཞི་ནི། བརྗོད་བྱ་དོན་དང་ལྡན་པ། དགེ་བའི་ཆོས་དང་འབྲེལ་བ། ཁམས་གསུམ་གྱི་ཉོན་མོངས་སྤོང་དོན་དུ་གསུངས་པ། ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པར་བྱེད་པ་དང་བཞིའོ། །ཞེས་གསུངས། དབྱེ་ན། ཞལ་ནས་གསུངས་པའི་བཀའ། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ། རྗེས་སུ་གནང་བའི་བཀའ་ཤེས་རབ་སྙིང་པོ་ལྟ་བུ། བྱིན་གྱིས་རླབས་པའི་བཀའ་མདོ་སྡེ་ས་བཅུ་པ་ལྟ་བུ་གསུམ་དུ་ཡོད་དོ། །

{{#arraymap:བཀའ་

|; |@@@ | | }}