39286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition བཀའ་གདམས་ལྐོག་ཁྲིད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་གསུམ་པ་ཡིན། བརྗོད་བྱ་ནི། བཀའ་གདམས་གོང་མའི་མན་ངག་བཞིན་བདག་འཛིན་སྤོང་བའི་ཐབས་མཆོག་རང་ལུས་སྦྱིན་པར་གཏོང་བ་དང་དགེ་སྡིག་གཏོང་ལེན་གྱི་དམིགས་རིམ་རྣམས་བསྟུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་དབང་བྱམས་པ་གསེར་གླིང་ཨ་ཏི་ཤ འབྲོམ་སྟོན་པོ་ཏོ་ཤ་བོ་སྒང་བ་དང་། མུས་སྨན་གྲོ་མོ་ཆེ་པ་ཆོས་བླ་མ། སྒོམ་པ་སེང་སྐྱབས་མཆིམས་ཆེན་སྨོན་ཚུལ་པ། བརྩོན་གྲགས་གྲགས་ཤེས་མཆིམས་སྟོན་གྲོ་སྟོན་རྗེ། སྦང་སྟོན་གྲུབ་ཤེ་གྲགས་སྟོན་དཔལ་ལྡན་མཚན། རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་བ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཆིམས་ཀྱི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད་

|; |@@@ | | }}