39290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་གདམས་ལྷ་བཞི་ལས་ཐུབ་པའི་ཁྲིད་ (1)
Part of speech མིང་ཚིག
Definition བཀའ་གདམས་ལྷ་བཞི་ལས་ཐུབ་པའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་བཞི་པ་ཡིན། བརྗོད་བྱ། མཉམ་མེད་ཐུབ་པའི་དབང་པོ་མདུན་དུ་གསལ་ཞིང་། ཞི་གནས་དང་ལྷག་མཐོང་གི་གདམས་པའི་དམིགས་རིམ་རྣམས་མཉམ་རྗེས་གཉིས་ཀྱི་སྒོ་ནས་སྒོམ་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་པའི་དབང་པོ་དཔལ་ལྡན་ཨ་ཏི་ཤ དབང་ཕྱུག་རྒྱལ་མཚན་སྣེ་ཟུར་ཡེ་ཤེས་འབར། རྡོ་རྗེ་སེང་གེ་ཞང་སྟོན་སེང་གེ་སྐྱབས། མཆིམས་ཆེན་སྐྱོ་སྟོན་ཟེའུ་རྣམ་པ་གཉིས། མཆིམས་སྟོན་གྲོ་སྟོན་སྤང་སྟོན་གྲགས་སྟོན་པ། ཡོན་ཏན་དཔལ་པ་ཀུན་དགའ་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བཀའ་གདམས་ལྷ་བཞི་ལས་ཐུབ་པའི་ཁྲིད་

|; |@@@ | | }}