39346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བཅུ་སྨྲ་བ་དོན་ཡོན་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་བཀྲ་ཤིས་འཁྱིལ་དང་མི་རིང་བའི་གནམ་ལ་ཞེས་པའི་སར་འཁྲུངས། བཀྲ་ཤིས་འཁྱིལ་རྒྱུད་པ་གྲྭ་ཚང་དུ་ཞུགས། དབུས་སུ་ཕེབས་ཏེ་སྒོ་མང་ཆོས་གྲྭར་ཐུགས་གཉེར་གནང་སྟེ་སླར་བཀྲ་ཤིས་འཁྱིལ་དུ་ཕེབས། དུས་འཁོར་རྡོ་རྗེ་འཛིན་པ་དང་དཔོན་སློབ་ལོ་བཅུ་ལྷག་མཛད། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྒྲུབ་མཆོད་དང། སྒྲ་རྩིས་སོགས་གནས་ཀྱི་སློབ་རྒྱུན་བཙུགས་པ་སོགས་ཆོས་སྲིད་གང་ཅིར་ཕན་པ་རྒྱ་ཆེར་མཛད།

{{#arraymap:བཀའ་བཅུ་སྨྲ་བ་དོན་ཡོན་ཚུལ་ཁྲིམས་

|; |@@@ | | }}