39369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བརྒྱད་རྣམ་བཤད་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ་ཞེས་གསལ། དཔལ་གསང་བ་སྙིང་པོ་མ་ཧཱ་ཡོ་གའི་སྒྲུབ་སྡེ་ཟབ་མོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པ་ཞིག་སྟེ། དེ་ཡང་ཁོང་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་བཀས་ལན་གཅིག་བསྐུལ་མ་གནང་བ་མ་ཟད། ཀུན་མཁྱེན་མི་ཕམ་རྒྱ་མཚོ་རང་ངོས་ནས་ཀྱང་བཀའ་བརྒྱད་ཀྱི་རྣམ་བཤད་ཅིག་རྩོམ་དགོས་དགོངས་ཀྱང་མཛད་པ་གཞན་ལ་བྲེལ་ནས་བརྩམས་ལོང་མ་བྱུང་བར་དུས་ཡུན་རིང་ཙམ་ལུས་པར་གྱུར། ཕྱིས་སུ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དཔོན་སློབ་ཀྱིས་ཞུ་རྟེན་དངོས་རྫས་མང་དུ་ཕུལ་ཏེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྤྱི་དོན་ཞིག་ཅིས་ཀྱང་འབྲི་དགོས་པར་ནན་གྱིས་བསྐུལ་ཞིང་། སློབ་འབངས་དོན་གཉེར་ཅན་མང་པོས་རེ་བ་བཞིན་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༨༩༣ ལོའི་ནང་དབེན་གནས་པདྨ་བདེ་ལྡན་དུ་ཟླ་དྲུག་གི་རིང་བཀའ་བདེ་གཤེགས་འདུས་པའི་བསྙེན་སྒྲུབ་ཀྱི་མཚམས་ལ་བཅད་རྒྱ་དམ་པོར་བཞུགས་པ་དང་། ལོ་དེའི་ཧོར་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ་དབུ་བརྩམས་ཏེ། བསྟན་བཅོས་འདི་གསང་སྔགས་ཀྱི་བཀའ་བབ་སློབ་དཔོན་ཆེན་པོ་དང་། བི་མ་ལ་མི་ཏྲ། བཻ་རོ་ཙ་ན། ནམ་མཁའི་སྙིང་པོ་བཞིས་བརྩམས་པའི་བདེ་གཤེགས་འདུས་པའི་བཤད་ཐབས་ཀྱི་གཞུང་རྣམས་གཞི་བྱས། བཀའ་བརྒྱད་རྫོང་འཕྲང་དང་བླ་མའི་མན་ངག་སོགས་ཀྱིས་ཟུར་བརྒྱན་ཏེ་ཉིན་བཞིན་བརྒྱུད་མར་བྲིས་པས་སྲོག་གི་སྐོར་འབྲི་སྐབས་ནང་ཉམས་ཤིན་ཏུ་འཚུབ་པ་བྱུང་ཡང་ཚོགས་མཆོད་སོགས་ཕུལ་ནས་ནན་ཏན་གྱིས་བྲིས་མཐར་ཟླ་བ་དེ་ཡི་ཚེས་ཉེར་གཅིག་པའི་སྔ་དྲོར་མཇུག་ཡོངས་སུ་གྲུབ་པར་བྱས་པ་ཞིག་གོ །

{{#arraymap:བཀའ་བརྒྱད་རྣམ་བཤད་

|; |@@@ | | }}