39371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བརྒྱད་སྙིང་པོ་བདེ་གཤེགས་འདུས་པ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བཀའ་བབས་ (1)
Part of speech མིང་ཚིག
Definition བཀའ་བརྒྱད་སྙིང་པོ་བདེ་གཤེགས་འདུས་པ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བཀའ་བབས་ཞེས་བྱ་བ་སྟེ། གཏེར་ཆེན་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་ཆོས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་ཚན་བརྒྱ་དང་སོ་ལྔ་ཙམ་བཞུགས་པའི་ནང་ཚན་སྟེ། ནང་རྒྱུད་མ་ཧཱ་ཡོ་གར་གཏོགས། སྔོན་ཆོས་རྒྱལ་ཁྲི་སྲོང་སྐབས་བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་བསྒྱུར་ཅིང་ཡི་གེར་འདེབས་པ་པོ་བོད་ཀྱི་ལོ་ཆེན་བཻ་རོ་ཙ་ནས་མཛད་ཅིང་། ཉིད་ཀྱི་ཕྱག་བྲིས་མ་རྒྱལ་པོ་ཁྲི་སྲོང་གི་བླ་དཔེར་བཞུགས་པ་སློབ་དཔོན་ཆེན་པོས་གཏེར་དུ་སྦས། ཕྱིས་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་ནས་བཏོན་པའི་གཏེར་ཆོས་ཏེ། བཀའ་བརྒྱད་ཀྱི་སྐོར་རྣམས་ཐོག་མར་རྒྱལ་བ་རྫོགས་པའི་སངས་རྒྱས་ནས་བཟུང་ཆོས་རྒྱལ་ཁྲི་སྲོང་བར་དར་འཕེལ་བརྒྱུད་པའི་བྱུང་བ་བརྗོད་པ་དང་། འབྱུང་འགྱུར་མངའ་བདག་ཉང་རལ་ལ་འཐོབ་པའི་ལུང་བསྟན་བཅས་གསལ་བར་བསྟན་པའི་ཆོས་འབྱུང་ཞིག་ཡིན། འདིའི་ནང་དོན་ལ། བདེ་གཤེགས་འདུས་པའི་ཆོས་སྐོར་འདི་དང་པོ་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་དགོངས་པས་བརྒྱུད་དེ་བཀའ་ཇི་ལྟར་སྩལ་བའི་ཚུལ། གཉིས་པ་རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་པས་བརྒྱུད་དེ་གླེགས་བམ་དུ་ཇི་ལྟར་བྲིས་པའི་ཚུལ། གསུམ་པ་མཁའ་འགྲོ་གཏད་རྒྱས་བརྒྱུད་དེ་གཏེར་དུ་ཇི་ལྟར་སྦས་པའི་ཚུལ། བཞི་པ་གྲུབ་ཐོབ་རྣལ་འབྱོར་པ་རྣམས་ལ་བརྒྱུད་དེ་དངོས་གྲུབ་དུ་ཇི་ལྟར་གནང་བའི་ཚུལ། ལྔ་པ་གང་ཟག་སྙན་ཁུང་དུ་བརྒྱུད་དེ་མངའ་རིས་བོད་ཡུལ་གངས་ཅན་དུ་བཀའ་ཇི་ལྟར་བབས་པའི་ཚུལ་བཅས་གསལ་རྒྱས་སུ་བསྟན། གཞུང་འདིའི་དབུའི་མཚན་བྱང་ལ། ཨོ་རྒྱན་སྐད་དུ༔ སརྦསུགཏསམཱཛ༔ སཱདྷཨཥྚ༔ ཨཛྙབཏཱརནམ༔ བོད་སྐད་དུ༔ བདེ་བར་གཤེགས་པ་ཐམས་ཅད་འདུས་པ༔ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བརྒྱད་ཀྱི་བཀའ་བབས་ཞེས་བྱ་བ༔ ཞེས་གསལ།

{{#arraymap:བཀའ་བརྒྱད་སྙིང་པོ་བདེ་གཤེགས་འདུས་པ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བཀའ་བབས་

|; |@@@ | | }}