39378
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁམས་ལྷ་ཐོག་ཀེ་རེ་གོང་པའི་འབྲོག་སྡེ་རུ། ཡབ་སྔོ་ཆུང་དང༌། ཡུམ་པད་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ ༡༩༢༧ ལོར་འཁྲུངས། འཛི་སྒར་བདུན་པའི་མདུན་གཙུག་ཕུད་ཕུལ་ཅིང༌། དེར་ཆོས་ཞུགས་གནང༌། མཐོང་བརྒྱུད་ཕྱག་བཞེས་རྣམས་ཐུགས་སུ་ཆུད་པར་མཛད། འཛི་སྒར་བཤད་གྲྭར་བཞུགས་ཏེ། སྐྱོག་བྲག་མཁན་པོ་མི་འགྱུར། ཉག་བླའི་མཁན་པོ་མཁས་གྲུབ། སྐུ་ཚེ་གསེར་ལྗོངས་མཁན་པོ་གཏེར་ཚ་དྲི་མེད། མཁས་གྲུབ་ཀརྨ་ཚེ་བརྟན་སོགས་ཀྱི་མདུན་ནས་གཞུང་ལུགས་རྣམས་ལ་གསན་བསམ་ལོ་མང་མཛད། དྲུང་རམ་རྒྱལ་སྤྲུལ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་མནོས། མཚན་ཀརྨ་ཡེ་ཤེས་དགེ་འདུན་ཞེས་གསོལ། འཛི་སྒར་བརྒྱད་པ་དང༌། ཐུགས་སྲས་སོགས་ཀྱི་སྐུ་མདུན་ནས། དབང་ལུང་ཁྲིད་དུ་མ་གསན། སོ་གཅིག་ལ་དབུས་སུ་ཕེབས། གསང་གླིང་དུ་བཤད་གྲྭའི་སྐྱོར་དཔོན་གནང་ཞོར། པད་སྙིང་མཁན་ཨ་ཁྱུང་མདུན་ནས་གཞུང་ཆེན་རྣམས་གསན་བཞེས་མཛད། སོ་གསུམ་ལ། དུས་ཟིང་གིས་རྐྱེན་པས། རྒྱ་གར་ཨ་སམ་མི་ས་མ་རིར་ཕེབས། དེར་ཟླ་ཤས་བཞུགས་ནས་རིས་མེད་སྦག་སའི་ཆོས་སྒར་དུ་གསན་སྦྱང་གནང༌། རྡོར་གླིང་ཌ་ལི་རྟ་མང་དགོན་དུ། མཁན་པོ་རིན་ཆེན་མདུན་ནས་ཚད་མ་སོགས་གསན། མཁན་པོ་ནོར་གཡང་མདུན་ནས། ཀུན་མཁྱེན་སྡོམ་གསུམ་སོགས་གསན། སླར་སྦག་ས་ཆོས་སྒར་དུ་ཕེབས་ཏེ། ཆོས་བརྒྱུད་བཞིའི་དབུས་སུ་དམ་བཅའ་རྒྱུགས་འབུལ་མཛད་དེ། དགེ་བཤེས་ལྷ་རམས་ཨང་དང་པོའི་ཕྱག་འཁྱེར་བཞེས། ༡༩༦༧ ལོར་ཝཱ་ཎ་མཐོ་སློབ་ཁང་གསར་འཛུགས་གནང་སྐབས། ཀརྨ་པ་བཅུ་དྲུག་པ་དང༌། ཐུགས་སྲས་རིན་པོ་ཆེ་ལྷན་ནས། བཀའ་བརྒྱུད་སྤྱིའི་མཁན་པོའི་ཐུགས་འགན་བཞེས་དགོས་བཀའ་བསྩལ་ལྟར། ལོ་བཅུ་ལྷག་བཞུགས། ཕ་ཡུལ་དུ་གཉེན་འཕྲད་ཆེད་ཐེངས་གཉིས་ཕེབས། ལྷོ་འབྲུག་རྗེ་མཁན་པོ་ཡོན་ཏན་འོད་ཀྱི་མདུན་ནས་འབྲུག་ལུགས་ཀྱི་དབང་ལུང་མང་པོ་གསན། ཡུ་རོབ་འབྲུག་པའི་ཆོས་ཚོགས་རྣམས་སུ་ཕེབས་ནས། ཧྥ་རན་སི་ལྷོ་ཕྱོགས། མན་ཏོང་དུ་བྱང་ཆུབ་གླིང་དང༌། ཤར་ཕྱོགས་སི་ཀྲ་སི་བག་ལ་འབྲུག་བདེ་ཆེན་གླིང༌། མོ་ན་ཀོ་རྒྱལ་ཕྲན་དུ་མ་ཧཱ་ཡོ་ག་གླིང་རྣམས་དང༌། ཧྥ་རན་སི་ནུབ་ཕྱོགས་སུ། འབྲུག་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པ་གསར་བཞེངས་མཛད། གཞན་ཡང་འཇར་མན་དང་། ཨ་རི་སོགས་སུ་ཕེབས་ཏེ། དད་མོས་ཅན་རྣམས་ལ་ཆོས་འབྲེལ་མང་དུ་མཛད། རྗེ་མཁན་པོས་རེ་བསྐུལ་གནང་དོན་ལྟར། འབྲུག་རྟ་མགོ་མཐོ་སློབ་ཁང་དུ་ལོ་གཅིག་ལྷག་བཤད་ཁྲིད་གནང༌། གཙོ་བོར་རྡོར་གླིང་དང༌། མཚོ་པདྨ་འཛི་སྒར་དགོན་པར་བཞུགས་མཐར། གནས་ཆེན་དེ་ཉིད་དུ་དགུང་ལོ་དོན་གཉིས་པ་ས་ཡོས ༡༩༩༩ ལོའི་བོད་ཟླ་ལྔ་པའི་ཚེས་གཅིག་ཉིན་དགོངས་པ་བསྡུས། གསུང་རྩོམ་ནི། བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས། བློ་རྟགས་སྐོར། ཞལ་གསུང་ཕབ་བཤུས་སོགས་འགའ་ཞིག་བཞུགས། ཞལ་སློབ་ཀྱང༌། འབྲི་གུང་མཁན་པོ་དཀོན་མཆོག་རྒྱལ་མཚན། འབོ་དཀར་མཁན་པོ་བློ་གྲོས་དོན་ཡོད། བཀའ་བརྒྱུད་མཁན་པོ་བསོད་ནམས་རྒྱ་མཚོ། འབྲུག་དཀར་མཁན་པོ་བཤད་སྒྲུབ་བསྟན་འཛིན། འབྲུག་སྒར་མཁན་པོ་འཇིགས་མེད་རྡོ་རྗེ། ལ་དྭགས་མཁན་པོ་ཚེ་དབང་རིག་འཛིན། ཉེ་གནས་མཁན་པོ་ཉི་མ་རྒྱལ་མཚན་སོགས་དུ་མ་བྱུང་ངོ༌། ། |
{{#arraymap:བཀའ་བརྒྱུད་མཁན་ཆེན་ཡེ་ཤེས་ཆོས་དར་
|; |@@@ | | }}