39399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བློ་མི་བདེ་བའི་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་ལ་ལྟུང་བ་གླེང་པ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་གཞི་མཐའ་དག་གླེང་པ་འགོག་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་རང་ལས་གཞན་པའི་དགེ་སློང་ཕ་རོལ་པོས་རང་གི་བསླབ་པའི་གཞི་ལ་གླེངས་པ་ན་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅང་མ་སྨྲ་ཞིག །ཅེས་སྨྲས་པ་ལ་ཟློག་པ་ལྔས་བཟློག་ཀྱང་མ་བཏང་བ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ནི། ཀོོ་ཤཱམྦྷི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་དང་སེམས་བདེ་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བཀའ་བློ་མི་བདེ་བའི་ལྷག་མ་

|; |@@@ | | }}