39427
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ ༡༦༣༩ ལོར་མདོ་སྨད་དབལ་ཤུལ་གྱི་རིགས་སུ་འཁྲུངས། བཀྲ་ཤིས་འཁྱིལ་གསར་འདེབས་སྐབས་ཀྱི་གྲྭ་རྒྱུན་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། བསེ་ངག་དབང་བཀྲ་ཤིས་གཉིས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པར་མཛད། མགོན་ཆོས་འཇིགས་གསུམ་གྱི་གདམས་པ་ལ་མངའ་བརྙེས། དབུས་སུ་རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་གཉིས་ལ་མཇལ། ཁྲི་ནམ་མཁའ་བཟང་ལས་བཀའ་ཆོས་ཅི་རིགས་གསན། རང་ཡུལ་དུ་ཕེབས། ཁྱ་དགེ་དཔོན་སློབ་དང་། སྟག་ཚང་དཔོན་སློབ་སོགས་ལ་བསྟེན་ནས་ཟབ་ཆོས་མང་དུ་གསན། ཐང་ཚང་དཔོན་སློབ་ལས་བཀའ་འགྱུར་གྱི་ལུང་ཞུས། དོན་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ ༡༧༡༨ ལོར་བྲག་ལུང་རི་ཁྲོད་དུ་སྐུ་གཤེགས། གྲུབ་ཆེན་དགེ་ལེགས་དྷ་རྨའི་སྤྲུལ་སྐུ་ཡིན། གསུང་རྩོམ་པོད་གཅིག་བཞུགས། |