39429
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་བཞི་བའི་མཇུག་ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སྐུ་འབུམ་ཐང་གི་ཉེ་འགྲམ་གྲོང་གསར་ཞེས་པར་འཁྲུངས། སྒོང་མང་ཆོས་གྲྭར་ཞུགས་ནས་ཐུགས་གཉེར་གནང་སྟེ་མདོ་སྔགས་ཡོངས་སུ་རྫོགས་པའི་བཤེས་གཉེར་ཆེན་པོར་གྱུར། ཐུགས་སྲས་བུ་སློབ་ཀྱང་འབུལ་སྡུད་རྡོ་རྗེ་འཆང། སྲིད་སྐྱོང་སྟག་བྲག།ཁང་གསར་རྡོ་རྗེ་འཆང་སོགས་དུས་སྐབས་དར་འཚོ་ཞིང་བཞེས་པའི་བསྟན་འཛིན་ཆེན་པོ་ཕལ་ཆེར་གྱིས་ཞབས་ལ་གཏུགས། འོན་ཆོས་ལྡིར་དགོན་གྱི་མཁན་བླའམ་ཆོས་ཀྱི་བྱེད་སྒོ་མཐའ་དག་ལ་དམ་སྡོམ་གནང་དགོས་གོང་ནས་བཀའ་ཕེབས་པ་ལྟར། སྔར་ཡོད་ཉམས་མེད་གོང་འཕེལ་ཐོག་རྒྱུད་སྡེ་གོང་མ་རྣམས་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་གང་ལ་གང་འདུལ་མཛད་དེ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་མང་པོ་ཐོན་པ་དང། གཞིས་དགོན་ཞིག་གི་ནང་ན་ཆོས་ལྡིང་དགོན་པ་ལྟ་བུ་དཀོན་ཙམ་བྱུང། |