39431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་འགྲོས་ཆེན་མོ་དྲུག་ (1)
Part of speech མིང་ཚིག
Definition བཀའ་གྲོས་ཆེན་པོ་དྲུག་ཅེས་པ་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱལ་སྲིད་སྐྱོང་ཐབས་ཀྱི་སྒྲིག་སྲོལ་གལ་ཆེན་འགའ་ཞིག་གཏན་ལ་ཕབ་པའི་སྐོར་ཏེ། རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ་བ་དང༌། རྒོད་ཀྱི་གཉའ་མནན་ཞིང་ཡང་ཁེང་གི་རྒྱབ་བརྟེན་པ། ཁེང་རྒོད་དུ་མི་གཏོང་ཞིང་མོ་བཙུན་བཀའ་ལ་མི་གདགས་པ། ས་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་གཅད་པ། དགྲ་འདུལ་ཞིང་འབངས་སྐྱོང་བ། དགེ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤོང་བ་བཅས་སོ། །
Domain ཁྲིམས་ལུགས།