39440
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁྲི་སྲོང་ལྡེའུ་བཙན་གྱིས་བརྩམས་པའི་བསྟན་བཅོས་ཤིག་སྟེ། བཀའ་ཡང་དག་པའི་ཚད་མ་ལས་མདོར་བསྡུས་པ། དང་པོ། ལྟོས་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ། གཉིས་པ། བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་ཀྱི་ལེའུ། གསུམ་པ། གཏན་ཚིགས་སྒྲུབ་པ་ཡན་ལག་གི་ལེའུ། བཞི་པ། མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ཀྱི་ལེའུ། ལྔ་པ། རྗེས་སུ་དཔག་པ་ཡོངས་སུ་དག་པའི་ལེའུ། དྲུག་པ། རང་གི་རིགས་ཀྱི་དཔེའི་མཚན་ཉིད་ཀྱི་ལེའུ། བདུན་པ། ཡོངས་སུ་གྲགས་པའི་ལེའུ། བརྒྱད་པ། ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་ཀྱི་ལེའུ། དགུ་པ། ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་གི་ལེའུ། བཅུ་པ། བཀའ་ཐང་གི་མངོན་སུམ་ཚད་མར་བྱ་བའི་ལེའུ། བཅུ་གཅིག་པ། བཀའ་ཐང་གི་རྗེས་སུ་དཔག་པའི་ཚད་མར་བྱ་བའི་ལེའུ། བཅུ་གཉིས་པ། ཡིད་ཆེས་པའི་ཚད་མའི་ལུང་གི་ལེའུ། བཅུ་གསུམ་པ། ཡོངས་སུ་མ་དག་པའི་ལེའུ། བཅུ་བཞི་པ། ཆོས་ཉིད་ཀྱི་རིགས་པའི་ལེའུ། བཅོ་ལྔ་པ། ཚད་མའི་ཡོན་ཏན་བཀོད་པའི་ལེའུ། འདིའི་མཛད་པ་པོ་གཞུང་དངོས་ལ་མི་གསལ་ཡང་དཀར་ཆག་ལྡན་དཀར་མ་དང་། བུ་སྟོན། སྡེ་དགེའི་བསྟན་འགྱུར་དཀར་ཆག་སོགས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་ཅེས་འབྱུང་ངོ། |