39443

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ཡི་གསང་སྒོ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་ (1)
Part of speech མིང་ཚིག
Definition མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་དཀའ་གནད་ཁྲོལ་ནས་རྒྱུད་གྲོལ་བར་འདོད་པ་རྣམས་ལ་བཀའ་ཡི་གསང་སྒོ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ང་ནི་བཀའ་ཡི་གསང་སྒོ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་སྟེ། བཀའ་ཡི་མཛོད་སྒྲོམ་རྣམས་ཀྱི་སྒོ་ལྕགས་ལྟ་བུའི་ལུང་གི་ཐ་རམ་གསང་བ་རྣམས་མ་ནོར་བར་རྣམ་པར་འབྱེད་པར་དམ་བཅས་ཀྱིས། གང་ཞིག་དཀའ་གནད་ཁྲོལ་ནས་རྒྱུད་གྲོལ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །ཅེས་གསུངས།