39444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ཡི་ངེས་དོན་གསལ་བའི་འགྲེལ་པ་ (1)
Part of speech མིང་ཚིག
Definition མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་གསུང་གི་གླེགས་བམ་མ་ནོར་བར་ཤེས་པར་འདོད་པ་རྣམས་ལ་བཀའ་ཡི་ངེས་དོན་གསལ་བའི་འགྲེལ་པ་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་པ་ང་ནི་བཀའ་ཡི་ངེས་དོན་གསལ་བའི་འགྲེལ་པ་སྟེ། ཐུབ་པའི་གསུང་གི་གླེགས་བམ་ཟབ་མོ་རྒྱུད་ལུང་གི་པོ་ཏི་རྣམས། ཇི་བཞིན་དུ་ངེས་པར་དགྲོལ་བར་དམ་བཅས་ཀྱིས། གང་དག་མ་ནོར་བར་ཤེས་པར་འདོད་པ་རྣམས་ལམ་འདིར་ཤོག་ཅིག ཅེས་གསུངས།