39445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ཡི་བབས་ཆེན་མོ་སྤྱི་ཆིངས་གསེར་གྱི་ཕྲེང་བ་ (1)
Part of speech མིང་ཚིག
Definition གཞུང་འདིའི་མཇུག་བྱང་དུ། བློན་པོ་རྒྱལ་གྲག་གིས་གཙོ་བྱས། དད་ལྡན་སྒོམ་བཟང་ལ་སོགས་བུ་ཆེན་འགའ་ཡིས་ཀྱང་ཞུ་བ་ནན་གྱིས་བསྐུལ་པའི་ངོར། དུས་མཐའི་གཏེར་སྟོན་ཨོ་རྒྱན་པདྨའི་གསུང་འཛིན། གཏེར་སྟོན་རཏྣ་གླིང་པས་གླང་ལོ། མེ་སྟག་ཧོར་ཟླ་གཉིས་པ། སྤྲུལ་ཟླའི་ཉ་ལ་ལྷོ་བྲག་ནུབ་ཀྱི་ཕྱོགས་ཆོས་འཁོར་དངས་སྤྲོ་བའི་དབེན་གནས་བསམ་གཏན་གླིང་དུ་སྦྱར་བའོ། །ཞེས་གསལ། འདིའི་ནང་དོན་ལ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་གདམས་པ་དང་ཕྱག་བཞེས་མ་ནོར་བ་དབང་དང་གདམས་པའི་ལུགས་ལ་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པ་བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བ་གདམས་ངག་གི་རིམ་པ། གདམས་པའི་རིམ་པ་ཟབ་པ་དང་རྒྱ་ཆེ་བ་གསུམ་བསྟན།

{{#arraymap:བཀའ་ཡི་བབས་ཆེན་མོ་སྤྱི་ཆིངས་གསེར་གྱི་ཕྲེང་བ་

|; |@@@ | | }}