39446
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དང་པོ་ནང་བློན་རྣམ་པ་དྲུག་ནི། ༡ འཕྲུལ་གྱི་མནའ་ཆེན་རིགས་བཟང༌། ༢ ཞང་པོ་རྒྱལ་གྱི་ཁྲོམ་བཟང༌། ༣ ཅོག་རོ་རིག་པའི་ཀོང་བཟང༌། ༤ ལྷ་གཟིགས་ཤོག་པོ་བསྟན་བཟང༌། ༥ ཀ་ཡི་སྙག་སྟོན་འཕེལ་བཟང༌། ༦ སྦས་ཅང་དཔལ་གྱི་ལེགས་བཟང་སྟེ། །ནང་བློན་བཟང་པོ་རྣམ་དྲུག་ཟེར། །དེ་ལ་སོགས་པ་བརྒྱ་ཕྲག་གཅིག ། རྒྱལ་པོའི་སྐུ་ཡི་ཞབས་ཏོག་དང༌། །ནང་གི་བྱ་བ་ཐམས་ཅད་བྱེད། ། གཉིས་པ་ཕྱི་བློན་རྣམ་དྲུག་ནི། ༡ བྱང་གི་ཁྱུང་པོ་པུན་ཟུང་བཙན། ༢ ལམ་ཁྲི་བདེ་བླག་ཁྲི་བཙན། ༣ མུ་ཁྲི་རྡོ་རྗེ་རྣམ་བཙན། ༤ མཐིང་གི་བྱང་ཆུབ་མཆོག་བཙན། ༥ ཐར་པ་ཀླུ་ཡི་དཔལ་བཙན། ༦ རོང་པོ་འཕྲུལ་གྱི་ལྡེ་བཙན་སྟེ། ཕྱི་བློན་བཙན་པོ་རྣམ་དྲུག་ཟེར། །དེ་ལ་སོགས་པ་བློན་པོ་བརྒྱད། །ཕྱི་ཡི་བྱ་བ་ཐམས་ཅད་བྱེད། །ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སིག་པི་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད། །འཛམ་གླིང་ཕྱེད་ལ་ཁ་ལོ་བསྒྱུར། ། གསུམ་པ་མེད་ཐབས་པའི་བློན་པོ་བཞི་ནི། ༡ མཁས་པ་ཐོན་མི་སམྦྷོ་ཊ། ༢ མགར་གྱི་སྟོང་བཙན་ཡུལ་བཟུང་དང༌། ༣ འབྲི་ཡི་སེ་རུ་གུང་སྟོན་དང༌། ༤ ཉང་གི་ཁྲི་བཟང་ཡང་སྟོན་སྟེ། །མེད་ཐབས་མེད་པའི་བློན་པོ་བཞི། །དེ་ལ་སོགས་པའི་བློན་པོ་བརྒྱས། །བར་གྱི་ཁོད་སྙོམས་ཁྲིམས་གཉིས་སྐྱོང་། །ཞེས་སོ། ། |
| Domain | ལོ་རྒྱུས། |