39447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ཡི་ཚོམས་ཆེན་བཞི་ (1)
Part of speech མིང་ཚིག
Definition བཀའ་ཡི་ཚོམས་ཆེན་བཞི་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ཉི་ཟླ་འབར་བའི་སྒྲོན་མ་ལས་བསྟན་པའི་ལེའུ་འམ་སྡེ་ཚན་རྣམ་པ་བཞི་པོ་སྟེ། གནས་པ་གཞིའི་ཚོམས་དང། འཁྲུལ་པ་འཕྲང་གི་ཚོམས་དང། བྱེ་བྲག་ཤན་གྱི་ཚོམས་དང། དབྱེར་མེད་པའི་ཚོམས་བཅས་བཞི་སྟེ། ཀ་དག་ཚོམས་ཆེན་བཞི་དང་གཅིག་པ་ཡིན། འདི་བཞི་ལ་སྤྱི་ཏི་ཡོ་གའི་བདེན་པ་བཞི་ཞེས་ཀྱང་གསུངས་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། སྤྱི་ཏིའི་བདེན་པ་བཞི་ནི། བཀའ་ཚོམས་ཆེན་པོ་བཞིའོ། །ཞེས་གསུངས།

{{#arraymap:བཀའ་ཡི་ཚོམས་ཆེན་བཞི་

|; |@@@ | | }}