3945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱམས་ (1)
Part of speech མིང་ཚིག
Definition ཁང་པའི་མདུན་གྱི་བྱ་འདབ་ཀྱི་འོག་གམ་ཁང་མདུན་གྱི་མདོ་ངོས་ལོགས་སུ་བྱས་པའི་མིང་།
ཁྱམས་ (2)
Part of speech མིང་ཚིག
Definition སྒོ་ར་དང་དོན་གཅིག
ཁྱམས་ (3)
Part of speech མིང་ཚིག
Definition སྒོ་ཁྱམས། ཁང་པའི་མདུན་ཕྱོགས་ཀྱི་གྱང་སོགས་མེད་པའི་ཐོག་གཡོགས་དང་བཅས་པ་དེ་ལ་ཟེར།
ཁྱམས་ (4)
Part of speech མིང་ཚིག
Definition གཙུག་ལག་ཁང་གི་ནང་སྒོ་དང་ཕྱི་སྒོའི་བར་སྲང་དེ་ལ་ཟེར་བར་སྙམ། སྒོའི་འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ཁྱམས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྒོའི་བར་གྱི་བང་རིམ་མོ། །ཞེས་གསུངས། ལུང་ཞུ་བའི་འགྲེལ་པ་ལས་ཀྱང་། སྒོ་ཁྱམས་ནི་སྒོའི་བང་རིམ་མོ། །ཞེས་གསུངས།
ཁྱམས་ (5)
Part of speech མིང་ཚིག
Definition ལྕམ་དང་དོན་གཅིག དམ་ཆོས་པད་དཀར་གྱི་མདོ་ལས། རྩྭས་གཡོགས་པ། ཁྱམས་རྣམས་ཀྱང་གྲུམ་པ། ཞེས་གསུངས་སོ། །