39453
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སྣོད་མིན་ལ་གསང་བར་གདམས་པ་སྟེ། བཀའ་རྒྱས་གདབ་པར་བྱ་བ་བཞི་ནི། སྔོན་འགྲོའི་གདམས་ངག་དང་། དངོས་གཞིའི་གདམས་ངག་དང་། རང་གི་ཉམས་མྱོང་། བླ་མས་ཇི་ལྟར་ངོ་སྤྲད་པ་སྟེ་བཞིའམ། གདམས་ངག་ཇི་ལྟར་ཕོག་པ། ཉམས་མྱོང་ཇི་ལྟར་སྐྱེས་པ། ངོ་ཇི་ལྟར་སྤྲད་པ། གེགས་སེལ་བོགས་འདོན་ཇི་ལྟར་བྱེད་པ་སྟེ་བཞི་ཡིན་ནོ། ། |
| Domain | ཆོས་ལུགས། |