39467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔མདོ་སྡེ་རྒྱུད་སྡེ་ལུང་གིས་རྣམ་པ་གསུམ་དུ་འདུས༔ དེ་རྣམས་ཀྱང་ཡི་གེ་ཨ་ལ་འདུས༔ ཨ་སྐྱེ་བ་མེད་པའི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས༔ འདི་ཁོ་ནས་ཆོག་གསུངས༔ ༡ དེ་ལ་མདོ་སྡེ་ལྟར་ཨ་འདོན་པ༔ ༢ ནང་རྒྱུད་སྡེ་ལྟར་ཨ་བཀླག་པ༔ ༣ གསང་བ་ལུང་གི་སྡེ་ལྟར་ཨ་བསྒོམ་པ༔། |
| Domain | ཆོས་ལུགས། |