39470
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། སྨྱོན་པ་ཡིན་ཏེ། སེམས་འཁྲུགས་པ་ནད་ཀྱིས་གཟིར་བས་བཀའ་ལུང་སྟོན་པ། ཚུལ་འཆོས་པ་ཡིན་ཏེ། སྡིག་པ་ལ་དད་པས་ཚུལ་འཆོས་པས་བཀའ་ལུང་སྟོན་པ། བླུན་པ་ཡིན་ཏེ། བླུན་པས་ཉམས་ཆུང་བ་རྨོངས་པས་བཀའ་ལུང་སྟོན་པ། མངོན་པའི་ང་རྒྱལ་ཅན་ཡིན་ཏེ། མངོན་པའི་ང་རྒྱལ་གྱིས་བཀའ་ལུང་སྟོན་པ། ཡང་དག་པ་རྣམ་པར་གྲོལ་བ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བས་བཀའ་ལུང་སྟོན་པའོ། ། |
| Domain | ཆོས་ལུགས། |