39471
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགའ་ལྡན་ཕོ་བྲང་སྐབས་ཀྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་དེ་ཡིན། སྤྱིར་རྒྱལ་དབང་ལྔ་པའི་སྐབས་ནས་སྡེ་སྲིད་བསྐོ་འཇོག་བྱས་ཏེ་དོན་གྱིས་བཀའ་བློན་ཤག་བྱུང་ཡོད་ནའང་། བཀའ་ཤག་ཅེས་སེར་མོ་པ་གཅིག་དང་སྐྱ་བོ་གསུམ་གྱིས་མཉམ་རུབ་ཀྱིས་ལས་དོན་བྱེད་པའི་བཀའ་ཤག་ལས་ཁུངས་ནི་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་སུ་གསར་བཙུགས་གནང་། བཀའ་ཤག་གི་ལས་དོན་བྱེེད་ཕྱོགས་ནི་བཀའ་བློན་ལྷན་རྒྱས་ཀྱིས་གྲོས་བསྡུར་ཐག་གཅོད་བྱེད་དགོས་སྟབས། མི་གཅིག་གིས་གང་དྲན་བྱེད་མི་ཐུབ་པས་དགེ་མཚན་ཡོད་པ་དང་། ཡང་གཞུང་དམངས་ལ་ཕན་པའི་ལས་དོན་གང་ཞིག་ཡིན་ནའང་བཀའ་བློན་ལྷན་རྒྱས་བསམ་ཚུལ་མ་མཐུན་ན་ལག་བསྟར་བྱེད་མི་ཐུབ་པའི་སྐྱོན་ཡང་ཡོད་པ་རེད། གང་ལྟར་བཀའ་ཤག་གིས་ཏཱ་ལའི་བླ་མའི་བཀའ་བཀོད་གཞིར་བཞག་གིས་ལས་དོན་ཐག་གཅོད་བྱེད་ཀྱི་ཡོད། |
| Domain | འཛིན་སྐྱོང་། |