39483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་སྲུང་མགོན་པོའི་སྐོར་ (1)
Part of speech མིང་ཚིག
Definition མགོན་པོའི་ཆོས་སྐོར། ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བཀའ་སྲུང་མགོན་པོའི་སྐོར་ལ། མགོན་པོ་ཕྱག་དྲུག མགོན་པོ་གུར། མགོན་པོ་ཞལ། མགོན་པོ་བེང་སོགས་མི་འདྲ་བ་མང་དུ་ཡོད་ཀྱང་། སྐབས་འདིར་རྒྱ་གར་གྲུབ་ཆེན་ར་ཧུ་ལ་གུཔྟ་ནས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བརྒྱུད་པའི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་སྟེ། དེ་ལ་ཐོག་མར་རྗེས་གནང་ལ་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་། བླ་མགོན་དབྱེར་མེད་ཀྱི་ཁྲིད། གྲུབ་ཆེན་མེཻ་ཏྲི་པ་ནས་འཁོར་ལོ་བཞི་ཁྲིད། མཁའ་སྤྱོད་མ་དཀར་མོ་དང་། མགོན་དཀར་ཡིད་བཞིན་ནོར་བུའི་ཚེ་ཁྲིད་སོགས་དང་། ལུང་གི་སྐོར། མགོན་པོའི་བེའུ་བུམ་གྱི་ལུང་སོགས་ཡོད།
Domain ཆོས་ལུགས།