From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀའ་སྲུང་སྒྲོལ་མ་བཅུ་གཉིས་ (1)
| Part of speech
|
མིང་ཚིག
|
| Definition
|
བཀའ་སྲུང་སྒྲོལ་མ་བཅུ་གཉིས་ནི། ཀློང་རྡོལ་བླ་མའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་རྣམ་གྲངས་ལས། ༡ གསེར་མཚོ་མ། ༢ འོད་མཚོ་མ། ༣ བསྟན་སྐྱོང་མ། ༤ ཡིད་འཛིན་མ། ༥ སྟོབས་མོ་ཆེ། ༦ དྲགས་ཤུལ་ཅན། ༧ ཁྲག་མདོག་མ། ༨ དུད་ཁ་མ། ༩ ཐོགས་མེད་མ། ༡༠ ཤུགས་ཅན་མ། ༡༡ དབང་སྡུད་མ། ༡༢ ལས་འཇོམས་མ་དང་བཅུ་གཉིས་ལ་ཟེར།
|
| Domain
|
ཆོས་ལུགས།
|
བཀའ་སྲུང་སྒྲོལ་མ་བཅུ་གཉིས་ (2)
| Part of speech
|
མིང་ཚིག
|
| Definition
|
རྔུལ་ཆ་དྷརྨ་བྷ་དྲའི་བཀའ་གདམས་བསྟན་སྐྱོང་སྒྲོལ་མ་བཅུ་གཉིས་ལ་གཏོར་མ་འབུལ་ཚུལ་ཞེས་པ་ལས། དམག་ཟོར་མ་དང་དཔལ་ལྷ་མ། །རབ་བརྟན་མ་དང་དུད་སོར་མ། །དུས་མཚོན་མ་དང་རང་བྱུང་རྒྱལ། །ནམ་མཁའི་གོས་ཅན་དབང་སྔོན་མདངས། །འདོད་ཁམས་དབང་ཕྱུག་ནམ་གྲུ་མ། །ཙནྜི་ཀ་དང་སྔགས་སྐྱོང་ཆེ། །རང་རང་འཁོར་ཚོགས་རྒྱ་མཚོར་བཅས། །ཞེས་གསལ།
|