39494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའི་དབྱེ་བ་གསུམ་ (1)
Part of speech མིང་ཚིག
Definition ༡ ཞལ་ནས་གསུངས་པའི་བཀའ་ནི། སྡུད་པའམ་མཚན་བརྗོད་ལྟ་བུའོ། ། ༢ རྗེས་སུ་གནང་བའི་བཀའ་ནི། སངས་རྒྱས་སྐུ་དངོས་མྱ་ངན་ལས་འདས་ཀར་ཀུན་དགའ་བོས་ཞུས་བཞིན་དྲིས་པའི་དུས་སུ། བཀའ་བསྡུ་བར་བྱེད་པའི་དུས་སུ། མགོ་བོར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དང་། བར་དུ་དྲིས་ལན་དང་། ཐ་མར་རྗེས་སུ་ཡི་རངས་བ་བྲིས་ཤིག་ཅེས་གསུངས་སོ། དེ་སྐད་དུ་ཡང་མྱ་ངན་ལས་འདས་ཆུང་ལས། སྟོན་པ་སྒྲོན་མ་འདའ་ཁར་ནི། །འཁོར་གྱིས་ཞུས་པའི་འདི་སྐད་གསུངས། །འདི་སྐད་ཅེས་སོགས་ཀླད་དུ་བྲིས། །གསུངས་པ་ལ་ནི་ཡི་རངས་ཚིག །ཞབས་སུ་བྲིས་ཞེས་བཀའ་བསྩལ་ཏོ། །ཞེས་པས་སོ། ། ༣ བྱིན་གྱིས་བརླབས་པའི་བཀའ་ལ་གཉིས་ཏེ། སེམས་ཅན་གྱི་རྒྱུད་དང་མ་འབྲེལ་བ་བེམ་པོ་ལ་བྱིན་གྱིས་བརླབས་པ་དང་། སེམས་ཅན་གྱི་རྒྱུད་དང་འབྲེལ་བའི་རིགས་པ་ཅན་ལ་བྱིན་གྱིས་བརླབས་པའོ། །
Domain ཆོས་ལུགས།