39538
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགོན་འདི་བོད་མདོ་ཁམས་ནང་ཆེན་ཤར་མདའ། བཀུར་བ་གྲོང་ཚོའི་ཁོངས་སུ་ཆགས་ཡོད། འདི་ཉིད་ནི་སྔར་འབྲུག་པ་དཀར་བརྒྱུད་ཀྱི་ཇོ་དགོན་ཞིག་ཡིན་ཚུལ་ཙམ་ལས་ཐོག་མའི་ཕྱག་འདེབས་པ་པོ་ནི་མི་གསལ། རིག་གསར་གྱི་དུས་འགྱུར་སྐབས་རྗེས་ཤུལ་ཙམ་ལས་མེད་པ་གཏོར་བཤིག་དུ་བཏང་། ད་ལྟའི་དགོན་འདི་ཉིད་ཆོས་དད་གུ་ཡངས་ཀྱི་རྣམ་པས་ཆོག་མཆན་ཐོབ་ནས་ནང་ཆེན་ཚེས་བཅུ་དགོན་གྱི་བླ་རྒན་བློ་གྲོས་སེང་གེ་མཆོག་དང་། ཁུལ་དེ་གའི་དད་ལྡན་རྣམ་པའི་རེ་འདོད་དང་རྒྱབ་སྐྱོར་འོག་ད་ལྟའི་དགོན་འདི་བསྐྱར་བཞེངས་མཛད། རིམ་བཞིན་ཇོ་མོ་ཉི་ཤུ་རྩ་གྲངས་གསོ་སྐྱོང་མཛད་དེ་བགྲང་བྱ་བཅུ་གྲངས་ཀྱི་རིང་གདན་ས་བསྐྱངས། མཐར་གདན་ས་དེ་གར་དགོངས་པ་རྫོགས། དེ་རྗེས་ཀུན་གཟིགས་ཨ་ལྡེའུ་རིན་པོ་ཆེས་ནང་ཆེན་ཚེས་བཅུ་དགོན་ནས། སྒྲུབ་གྲྭ་བ་གསང་སྔགས་བསྟན་འཛིན་ལགས་དགོན་འདིར་བླ་བསྐོས་གནང་། དེང་སྐབས་དགོན་འདིར་གསང་སྔགས་བསྟན་འཛིན་ལགས་ཀྱིས་གཙོ་འགན་འོག་རྒྱུན་ཏུ་ཇོ་མོ་བཞི་ལྔ་མ་ཆག་པར་སྒྲུབ་ཁང་ནང་སྐུ་མཚམས་སུ་རེས་མོས་ཀྱིས་བཞུགས་རྒྱུ་དང་། དེ་བྱིངས་རྣམས་ཚོགས་པ་འཚོག་རྒྱུ་དང་རང་རང་གི་བསགས་སྦྱང་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བརྩོན་བཞིན་བཞུགས་པ་བཅས་ཡིན་འདུག། མ་དགོན་ཚེས་བཅུ་དགོན། |
{{#arraymap:བཀུར་བ་དགོན་གསང་ཆེན་རྣམ་གྲོལ་གླིང་
|; |@@@ | | }}