39555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀོད་པ་ (1)
Part of speech མིང་ཚིག
Definition འགོད་པའི་འདས་པའི་བྱ་མིང་སྟེ།
Example ཐར་ལམ་ལ་བཀོད་པ་ལྟ་བུ།
བཀོད་པ་ (2)
Part of speech མིང་ཚིག
Definition རྒྱན་སོགས་བཀྲམ་ཞིང་བཀོད་པ་ཞེས་པའི་དོན་ཏེ། སྤྱིར་བཏང་ནི་དབྱིབས་དང་རྣམ་འགྱུར། སྒྲིག་སྟངས་བཅས་ཀྱི་དོན་ལ་གོ།
Example རྒྱན་གྱི་བཀོད་པ་མཛེས་ལྟ་བུ།
བཀོད་པ་ (3)
Part of speech མིང་ཚིག
Definition བརྗོད་པའམ་རྒྱུ་མཚན་དུ་དྲངས་པའི་དོན་ཏེ།
Example བུམ་པ་རྟགས་སུ་བཀོད་པ་ཞེས་པ་ལྟ་བུ།
བཀོད་པ་ (4)
Part of speech མིང་ཚིག
Definition བྲིས་པའི་དོན་ཏེ།
Example ལོ་རྒྱུས་ཀྱི་ཡིག་ཚང་དུ་བཀོད་པ་ལྟ་བུ།
བཀོད་པ་ (5)
Part of speech མིང་ཚིག
Definition ཐབས་སམ་འཆར་གཞིའི་དོན་ཏེ།
Example རྙོག་དྲ་སེལ་ཆེད་ཐབས་དང་བཀོད་པ་འཐེན་ལྟ་བུ།
བཀོད་པ་ (6)
Part of speech མིང་ཚིག
Definition བཀའ་བཀྱོན། ཚོགས་གཏམ། འཁྱོག་པོ་ཡོ་བསྲང་གི་བསླབ་བྱའི་དོན་ཏེ།
Example ལས་བྱེད་རྣམས་ལ་བཀོད་པ་བཤད་ལྟ་བུ།
བཀོད་པ་ (7)
Part of speech མིང་ཚིག
Definition གསལ་བཏབ་པའི་དོན་ཏེ།
Example བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་ལྟ་བུ།
བཀོད་པ་ (8)
Part of speech མིང་ཚིག
Definition ཕལ་ཆེ་བའམ། ཕལ་མོ་ཆེ་སྟེ་མང་པོ་དང་རྒྱ་ཆེ་བའི་དོན།
བཀོད་པ་ (9)
Part of speech མིང་ཚིག
Definition རྒྱན་གྱིས་སྤྲས་པ་སྟེ་མཛེས་པར་བྱེད་པའི་དོན་ནོ།
བཀོད་པ་ (10)
Part of speech མིང་ཚིག
Definition སྣ་ཚོགས་པའམ། རིགས་མི་འདྲ་བ་མང་པོའི་དོན་ནོ།