From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། གཟུངས་སྤོབས་པ་གཉིས་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། བཀོད་མའི་ཆུ་ལྟ་བུ་ཡིན་ཏེ། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པའི་སྒོ་ནས་མི་ཟད་པར་འབྱིན་པའི་ཕྱིར། འདི་གཟུངས་སྤོབས་གཉིས་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །
|
| Domain
|
ཆོས་ལུགས།
|
བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
གཟུངས་སྤོབས་སྒོམ་སྟོབས་ཀྱིས་སྔར་ཐོས་མ་ཐོས་ཀྱི་གསུང་རབ་ཀྱི་ཚིག་དོན་ཀུན་ཟད་པ་མེད་པར་འཛིན་པའི་ནུས་པ་ཐོབ་པའི་སེམས་བསྐྱེད་ཅིག་ལ་བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་ལྟ་བུ་ཡིན་ཏེ། སྔར་ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི། དག་པ་ས་གསུམ་ན་ཡོད་པར་འདོད་དོ། །
|