396

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཿཐོག་ཁྲིད་ཆེན་བཅུ་གསུམ་ (1)
Part of speech མིང་ཚིག
Definition ཀཿདམ་པ་བདེ་བར་གཤེགས་པ་ནས་ད་ལྟའི་བར་ཆོས་སྡེ་འདི་པའི་ཉམས་ལེན་དངོས་ཀྱི་གདམས་ཁྲིད་གཙོ་བོ་འཇའ་ལུས་པ་འབུམ་ཕྲག་བྱོན་པའི་ཟབ་ཆོས་བཀའ་གཏེར་ཁྲིད་ཆེན་བཅུ་གསུམ་ཞེས་གྲགས་སྟེ། ༡ཆོས་རྗེ་གཙང་སྟོན་པས་མན་ངག་ལྟ་ཕྲེང་གི་འགྲེལ་པ་དང་ཁྲིད་ཡིག་བཅས། ༢ མཁས་གྲུབ་ནམ་མཁའ་རྡོ་རྗེའི་སེམས་སྡེ་པྲ་ཁྲིད། ༣རྨེ་ཤོད་སངས་རྒྱས་རྡོ་རྗེའི་བླ་མ་ཡང་ཏིག་ཁྲིད། ༤ མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་ཕྱག་ཆེན་མན་ངག་རྒྱ་མཚོ། ༥གྲུབ་ཐོབ་ཀུན་དགའ་འབུམ་བའི་གཅོད་ཁྲིད་ཆེན་མོ། ༦ བར་ཁྲོད་དབོན་བཀྲ་ཤིས་རིན་ཆེན་གྱི་རྫོགས་ཆེན་ཁྲིད་ཟབ་ལམ་རིག་པའི་མེ་ལོང༌། ༧ བྱ་བྲལ་བ་བསོད་ནམས་དོན་འགྲུབ་ཀྱི་རྫོགས་ཆེན་ཁྲིད་ཟབ་དོན་སྙིང་པོ། ༨ ཧོར་པོ་ཤཱཀྱ་རྒྱལ་མཚན་གྱི་དགོངས་པ་ཟང་ཐལ་ཁྲིད། ༩ མཁས་གྲུབ་པདྨ་མ་ཏིའི་ཞི་ཁྲོའི་བར་དོ་དྲུག་གི་ཁྲིད། ༡༠རིག་འཛིན་ཚེ་དབང་ནོར་བུའི་དཀོན་སྤྱིའི་ཁྲིད་གུ་རུའི་དགོངས་རྒྱན། ༡༡ པདྨ་མ་ཏིའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་ཁྲིད་ཟབ་ལམ་དོན་གསལ། ༡༢ རིག་འཛིན་བདུད་འདུལ་རྡོ་རྗེའི་རྫོགས་ཆེན་ཁྲིད་ཀུན་བཟང་འཇའ་སྐུ། ༡༣ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཡིག་འཇའ་ཟེར་གྲོང་འཇུག་བཅས་དང་། དེ་རྣམས་ཀྱི་དོན་གནད་མ་ལུས་ཕྱོགས་གཅིག་ཏུ་བསྡུས་པ་ནི་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་མཛད་པའི་གདམས་ཁྲིད་ནོར་བུའི་མེ་ལོང་དུ་གྲགས།