39608

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ཕྱི་ལོ་༡༧༦༣ལོར་ཇེ་འཕེལ་ཐོག་ཏུ་ཡབ་ཨ་འགྲུབ་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཆོས་སྡེ་ཆེན་པོ་དགའ་ལྡན་དོན་གྲུབ་གླིང་དུ་མངའ་གསོལ། བདུན་པར་ཀླུ་སྒྲུབ་མཆོག་སྤྲུལ་ངག་དབང་འཇིགས་མེད་ལ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་བློ་བཟང་ཉི་མ་བསྟན་པའི་རྒྱལ་མཚན་ཞེས་གསོལ། བཤེས་གཉེན་བློ་བཟང་དཔལ་སྦྱིན་ལས་བར་མ་རབ་བྱུང་དང། དགེ་ཚུལ་གྱི་སྡོམ་པ་མནོས། ཁུ་བོ་ཀླུ་སྒྲུབ་ལས་ཡི་གེའི་འབྲི་ཀློག་སྦྱངས། དབུས་སུ་ཕེབས། འབྲས་བློ་གླིང་གི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་མཛད། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། གླིང་བསྲེའི་མཚན་བཏགས་བཞེས། མདོ་སྨད་དུ་ཆོས་སྡེ་དོན་གྲུབ་གླིང་དང་། སྦྲ་ནག་བདེ་ཆེན། བཀྲ་ཐང་སོགས་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མཛད། ཆོས་སྡེ་དོན་གྲུབ་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། ང་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་ཕྱི་ལོ་༡༨༢༡ལོར་སྐུ་གཤེགས། གསུང་རྩོམ་ནི་བློ་སྦྱོང་བྱང་ཆེན་བགྲོད་པའི་བདེ་ལམ་དང་། ཚེ་དབང་བསྐུར་ཚུལ་ལག་ལེན་རབ་གསལ། ཚེ་ཐར་གཏོང་ཚུལ། རྣམ་དབྱེ་ཕྲད་དང་བཅས་པའི་དཔེར་བརྗོད་མུ་ཏིག་དཀར་པོའི་དོ་ཤལ། རྫ་རག་གསེར་ལྡན་གྱི་རྣམ་ཐར་མཁས་བླུན་ཀུན་ཀྱི་རྣ་བར་འཇེབས་པའི་གླིང་བུའི་སྒྲ་དབྱངས། མི་རྟག་པའི་མགུར་མ་བཅས་ཆོས་ཚན་ང་ལྔ་ལོངས་པའི་པོད་གཉིས་བཞུགས།