39629
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ ༡༢༠༠ ལོར་མདོ་ཁམས་སུ་ཡབ་དབང་ཕྱུག་ལེགས་པ་དང་། ཡུམ་སྒྲོན་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་རྟ་ཕྱི་ལོ ༡༢༨༢ ལོར་སྐུ་གཤེགས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་བསླབས། འདོན་ཆོ་ག་རྣམས་བློར་འཛིན་མཛད། དབུས་སུ་ཕེབས། སྟག་ལུང་པ་ལས་གདམས་པ་མང་དུ་ཞུས། བླ་མ་དགྱེས་དེ་ཆོས་མཐའ་ཆོད་པ་གནང་། སངས་རྒྱས་ཡར་བྱོན་གྱིས་ཀྱང་ཐུགས་རྗེས་བཟུང། སྒྲུབ་པ་ལོ་མང་མཛད། ཁྱད་འཕགས་རྟོགས་པའང་འཁྲུངས། དགེ་སློང་ནམ་མཁའ་འོད་ཀྱི་སྐུ་སྐྱེ་ཡིན་པར་དེབ་སྔོན་གསུངས་པར་འཆད། |