39630
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་ཉེར་དྲུག་པ། རབ་བྱུང་བཅུ་གཉིས་པ་ཕྱི་ལོ་ ༡༧༤༤ ལོར་འཕན་ཡུལ་ལྷུན་ལྡིང་རོང་པའི་སྒར་པའི་སྲས་སུ་སྐུ་འཁྲུངས། ངོ་མཚར་བའི་རྟག་མཚན་དུ་མ་ལ་བརྟེན་ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ་གྱི་ཡང་སྲིད་འཁྲུལ་མེད་ངེས་རྙེད་བྱུང་ནས་སྟག་ལུང་དུ་གདན་དྲངས། ཀར་རྟོགས་རིག་འཛིན་ཆེན་པོ་ནས་མཚན་ལ་བཀྲ་ཤིས་ཆོས་ཀྱི་ཉི་མ་ཞེས་གསོལ། གྲུབ་དབང་སྒོམ་པ་ཕུལ་ལྡན་གྱི་དྲུང་ནས་རང་ལུགས་ཀྱི་གདམས་པ་གསན། རྗེ་དྲུང་རིན་ཆེན་ལེགས་གྲུབ་དང་ལྷན་དབང་ལུང་ཁྲིད་མན་ངག་དང་བཅས་པ་ཕར་ཚུར་གནང་རེས་མཛད། མར་ཐང་རི་བོ་ཆེ་རུ་མཁན་པོ་འཕགས་མཆོག་གྲགས་པ་རྒྱལ་མཚན་དང་། གསང་སྟོན་མི་འཁྲུགས་ཀུན་དགའ་དཔལ་བཟང་། ཁ་སྐོང་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པའི་མཚན་ལ་བཀྲ་ཤིས་གྲགས་པ་ཡེ་ཤེས་འགྱུར་མེད་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ཞེས་བསྩལ། རག་ཤག་ནས་ཞུ་སྐུལ་གྱིས་བཀའ་བརྒྱུད་ཀྱི་བསྟན་པ་ཉིན་མོར་ལྟར་གསལ་བར་མཛད་པ་དཔལ་ལྡན་ཆོས་ཀྱི་རྒྱལ་པོའི་ཐམ་ག་ཞེས་པ་རྒྱ་བོད་དབང་བསྒྱུར་གཞུང་གཉིས་ཀས་བསྩལ། བཅའ་ཁྲིམས་རྒྱབ་སྣོན་གསར་རྩོམ་དང་རྟེན་གསུམ་ལྷ་ཁང་བཞེངས་བསྐྲུན་ཉམ་གསོ་རྒྱ་ཆེར་གནང་ཞིང་གདན་ས་བགྲངས་བྱ་སུམ་ཅུ་ཐམ་པ་བསྐྱངས། མཐར་ཉིད་ཀྱི་དགུང་གྲངས་ཞེ་བཞི་པ་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་སྐུ་གཤེགས། བུ་སློབ་ལ་རི་ཆེ་ནོ་མིན་ཧན་ཆོས་ཀྱི་གྲགས་པ་དང་རྩེ་སྤྲུལ་བཀྲ་ཤིས་དགེ་ལེགས་བཟང་པོ། འབྲི་གུང་ཞབས་དྲུང་བཀྲ་ཤིས་སྙན་གྲགས་སོགས་མང་དུ་བྱུང་ལ། གསུང་རྩོམ་ཡང་པོད་གཅིག་ཡོད་པ་བཅས་སོ། ། |