39631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅོ་ལྔ་པ། རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ཕྱི་ལོ ༡༧༢༤ ལོར་རྨེ་རུ་བློ་གྲོས་ཤོག་ཏུ་སྨོག་པོ་གདུང་རིགས་སྤོ་ཡོ་དཔོན་ཚང་དུ་ཡབ་གུ་རུ་འབུམ་དང་ཡུམ་བྲག་དམར་བཟའ་གཉིས་ཀྱི་སྲས་སུ་བལྟམས། རྗེ་དྲུང་རིན་ཆེན་ཤེས་རབ་ཀྱིས་འཕགས་མཆོག་གི་ཡང་སྲིད་དུ་ཐག་བཅད་དེ ། རི་ཆེར་གདན་དྲངས་ཤིང་། རིག་པའི་གནས་ལྔ་ལ་སྦྱངས་ཤིང་དགེ་ཚུལ་སློང་གི་སྡོམ་པ་མནོས། ཆུ་ཕག་སྤྱི་ལོ་ ༡༧༣ ལོར་རི་ཆེའི་ཁྲི་ལ་ཕེབས། འདུས་སྡེ་ལེགས་པར་བསྐྱངས་ཤིང་། ཁྲོ་དཀར་བྱམས་ཆེན་གྱིས་གཙོས་པའི་རྟེན་བཞེངས་དུ་མ་མཛད། ཀུན་སྤངས་གནང་སྟེ། ཨ་ལྕོག་ཏུ་སྒྲུབ་ལ་གཞོལ་བཞིན་པར་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་སྐུ་གཤེགས།