From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀྲ་ཤིས་དགེ་འཕེལ་གླིང་ (1)
| Part of speech
|
མིང་ཚིག
|
| Definition
|
གྲྭ་ཚང་འདི་ནི་མཚོ་སྔོན་ཁྲི་ཀའི་རྫོང་ཁོངས་སུ་ཡོད་ལ། སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན། དགོན་པ་ཐོག་མར་ལྷ་རི་ཞེས་བྱ་བའི་རི་ངོས་དེར་དགེ་འདུན་འགས་མཚམས་ཁང་བརྩིགས་ཏེ་རིམ་གྱིས་རྒྱས་པར་གྲགས་ཤིང་། ༡༩༤༣ ལོར་ད་ལྟའི་དགོན་བཀྲ་ཤིས་གཡང་ཆགས་ཟེར་བའི་སར་གནས་སྤོས།
|
| Synonyms
|
མདོ་སྨད་སེ་ཀྱཱའི་དགོན།
|
བཀྲ་ཤིས་དགེ་འཕེལ་གླིང་ (2)
| Part of speech
|
མིང་ཚིག
|
| Definition
|
གྲྭ་ཚང་འདི་ནི་མདོ་སྨད་ཆབ་ཆ་གྲོང་བརྡལ་གྱི་ནུབ་བྱང་དུ་སྤྱི་ལེ་བཅོ་ལྔའི་མཚམས་སུ་ཡོད་ཅིང་། འདི་ནི་༡༦༠༠ ཡས་མས་སུ་གུར་སྒར་དུ་བཏབ་ནའང་ཕྱིས་སུ་ད་ལྟའི་གནས་འདིར་སྤར་ནས་ཁང་དགོན་དུ་བསྒྱུར། ༢༠༠༨ ལོར་མཚན་ཉིད་གསར་འཛུགས་གནང་། ད་ལྟ་བླ་གྲྭ་ཉིས་བརྒྱ་ལྷག་བཞུགས། མིང་གཞན་འཁྱམས་རུ་དགོན་ཡང་ཟེར།
|