39644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། བཀྲ་ཤིས་མ་གང་དུ་ཞུགས་པའི་ཁྱིམ་དུ་སྣ་ནག་མ་ཡང་གདོན་མི་ཟ་བར་ཡོད་དོ་ཞེས་བཞི་བརྒྱ་པའི་འགྲེལ་པའི་དོན། ཟག་བཅས་ཐམས་ཅད་སྡུག་བསྔལ་ཞེས་པའི་ཚུལ་གྱིས་ཟག་བཅས་ཀྱི་ཕུན་ཚོགས་གང་དུ་ཡོད་པ་དེར་སྡུག་བསྔལ་ཡོད་ཅེས་པའི་དོན་ཡིན་ལ། (དབུ་མ་འཇུག་པ་)འདིར་ནི་འཇིག་རྟེན་ན་གྲགས་པའི་བཀྲ་ཤིས་པ་དང་། བཀྲ་མི་ཤིས་པ་གཉིས་ལྷན་ཅིག་ཏུ་མི་གནས་པའི་དོན་ཡིན་པས་སྣ་ནག་མ་བཀྲ་མི་ཤིས་པའི་མིང་གི་རྣམ་གྲངས་ཡིན་པར་འགྲེལ་པ་གཉིས་ཀ་མཐུན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |