39646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་དཔལ་གྲུབ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉེར་གཅིག་པ། རབ་བྱུང་བཅུ་པའི་ལྕགས་བྱི་ཕྱི་ལོ་ ༡༦༠༠ འཕན་ཡུལ་དུ་ཡབ་གྭ་ཟིའི་ཚེ་བརྟན་རྡོ་རྗེ་དང་ཡུམ་སྐྱུར་ར་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། བདེ་གཤེགས་ངག་དབང་རྣམ་རྒྱལ་གྱི་དྲུང་དུ་རབ་ཏུ་བྱུང་བར་མཛད་པའི་མཚན་ལ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་འཇིགས་མེད་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ཤིང་ཡོས་ ༡༦༡༥ ལོར་སྟག་ལུང་པའི་ཆོས་སྲིད་ཀྱི་ཁྲིར་བཞུགས་ཤིང་ཚོགས་པ་བསྐྱངས། རབ་བྱུང་བཅུ་གཅིག་པའི་ས་སྟག་ཕྱི་ལོ་ ༡༦༣༨ ལོར་དབོན་ཞབས་དྲུང་ངག་གི་དབང་ཕྱུག་གདན་སར་བཀོད་དེ་རྗེ་ཉིད་ཀུན་སྤངས་མཛད། ལོ་བཅོ་ལྔའི་རིང་ཐང་ལྷའི་ཤེལ་ཕུག་སོགས་སུ་མཚམས་བཅད་ཁོ་ནར་བཞུགས། གདན་ས་ཡས་མན་གཉིས་ཀར་ལྷ་ཁང་ཞིག་གསོ་རྒྱ་ཆེར་གནང་། ཆུ་ཡོས་ཕྱི་ལོ་ ༡༦༦༣ ལོར་གདན་ས་མར་ཐང་དབྱི་ཤོད་དཔལ་གྱི་རི་བོ་ཆེ་རུ་སྟག་ལུང་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་གཉིས་པ་ཐུས་བཙུན་རྒྱ་དང་དྲུག་བཅུ་ཡོད་པ་གསར་དུ་བཏབ། སྐུ་ཚེ་སྨད་དུ་སེ་ལུང་ཁུ་བྱུག་རུག་པའི་རྫོང་དུ་སྒྲུབ་པ་ཁོ་ནར་མཛད། ཐུན་མཚམས་རྣམས་སུ་བཀའ་རྩོམ་ཕྱག་བྲིས་མཛད་པ་ལ། ལབ་ཟབ་ཤེས་བྱ་ཆོས་སྐུའི་དགའ་སྟོན་གྱི་འགྲེལ་པ་སངས་རྒྱས་བླ་མའི་དགོངས་རྒྱན་དང་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་འཛམ་གླིང་གྲགས་པའི་དགོངས་རྒྱན། ལེགས་བཤད་གན་མཛོད་དང་རིག་འཛིན་དགའ་སྟོན་སོགས་གསུང་འབུམ་པོད་ཉི་ཤུ་ཡོད་ཚུལ་གསལ། འབྲི་སྟག་ཀར་འབྲུག་དང་ས་དགེ་བུ་ཞལ་སྔ་འགྱུར་སོགས་གྲུབ་མཐའ་རིས་མེད་ཀྱི་གདམས་ཟབ་མངའ་ཞིང་གདུལ་བྱ་ཡང་རིས་མེད་བསྐྱངས། མཐར་ཉིད་ཀྱི་དགུང་གྲངས་དོན་གསུམ་པ་ཆུ་བྱི་ཕྱི་ལོ་ ༡༧༧༢ ལོར་སྐུ་གཤེགས། སློབ་མའི་གཙོ་བོ་རྗེ་དྲུང་གྲགས་པ་ལེགས་གྲུབ་དང་། རྗེ་དྲུང་གྲགས་པ་རྒྱལ་མཚན། རྩེ་ཞབས་དྲུང་ངག་གི་དབང་ཕྱུག།ཟངས་སྒྲུབ་དབོན་པོ། མཁན་པོ་མི་འཁྲུགས་ཕྲིན་ལས་རབ་རྒྱས། སྟག་ལུང་སེ་མོ་དོ་པ་སོགས་མང་དུ་བྱོན་པར་སྣང་ངོ་། །

{{#arraymap:བཀྲ་ཤིས་དཔལ་གྲུབ་

|; |@@@ | | }}