39647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་དཔལ་བ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅུ་བཞི་པ། རབ་བྱུང་བརྒྱད་པའི་ལྕགས་མོ་སྦྲུལ་ཕྱི་ལོ་ ༡༤༦༡ ལོར་ཡབ་གྭ་ཟི་ཚེ་དབང་གྲགས་པ་དང་། ཡུམ་བྱ་ཡུལ་བཟའ་གཉིས་ཀྱི་སྲས་སྐུ་བལྟམས། ཀུན་མཁྱེན་ངག་དབང་གྲགས་པའི་དྲུང་དུ་རང་ལུགས་ཟབ་ཆོས་མཐའ་དག་ལེགས་པར་རྫོགས་པར་གསན། དགེ་ཚུལ་སློང་གི་སྡོམ་པ་ཀུན་ཀྱང་ཡང་དག་པར་མནོས། ཆུ་མོ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་བཞུགས་ཀྱང་། རིང་མིན་ཁྲི་བཟུར་མཛད་དེ་སོག་ཡུལ་དུ་འགྲོ་དོན་ལ་ཐེགས། ཐོག་གི་མ་ནོད་པར་ཁྲོ་ཆུ་པང་དུ་འཁྱིལ་བ་དང་ཕྱག་གིས་འབྲུ་གཏོར་བས་གཙང་པོའི་འབབ་རྒྱུན་བཅད་པ་སོགས་རྫུ་སྤྲུལ་དུ་མ་བསྟན་པར་གྲགས། མཐར་ས་འབྲུག་ཕྱི་ལོ་ ༡༥༠༨ ལོར་སྐུ་གཤེགས།