39649
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་བཅུ་གཉིས་པ། ས་བྱི་ཕྱི་ལོ་ ༡༤༠༨ ལོར། དར་ཡུལ་བྱེ་མ་གཞིས་ཀར་ཡབ་གྭ་ཟིའི་རིན་ཆེན་རྒྱལ་མཚན་དང་ཡུམ་མི་ཉག་བཟའ་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྗེ་བཀྲ་ཤིས་དཔལ་བརྩེགས་ཀྱི་དྲུང་ནས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་དང་། བཀའ་བརྒྱུད་རིན་པོ་ཆེའི་ཕ་ཆོས་ཀུན་ཀྱང་ཆད་ལུས་མེད་པ་རྫོགས་པར་ཐོབ། ལྕག་ལུག་སྤྱི་ལོ་༡༤༣༠ ལོར། སྟག་ལུང་པའི་ཆོས་སྲིད་ཀྱི་ཁྲི་ལ་བཞུགས། ཐུབ་ཆེན་བཀྲ་ཤིས་ལྷུན་པོ་སོགས་རྟེན་གསུམ་བསྐྲུན་པར་མཛད་ཅིང་། འཕན་ཡུལ་དུ་རིན་ཆེན་བྲག་གི་ཆོས་སྡེ་གསར་དུ་བཏབ་ཅིང་སྡེ་དགོན་དར་རྒྱས་མཛད་དེ་ཚོགས་པ་ལོ་སོ་གཅིག་བསྐྱངས། མཐར་ལྕགས་འབྲུག་ཕྱི་ལོ་ ༡༤༦༠ ལོར་དགུང་གྲངས་ང་གསུམ་སྟེང་སྐུ་གཤེགས། |