39652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་དར་རྒྱས་གླིང་ (1)
Part of speech མིང་ཚིག
Definition གཉན་ཐོག་སྒར་བཀྲ་ཤིས་དར་རྒྱས་གླིང་སྟེ། འདན་མ་གྲུབ་ཆེན་གྱིས་བཏབ་ཅིང་། ཤར་དགེ་འདུན་འཕྲིན་ལས་རབ་རྒྱས་སྐུ་ཚེས་འཁྱོང་གི་བར་སྨོན་ལམ་སོགས་ལ་ཕེབས། དེ་རྗེས་སྐྱ་སེར་གྱི་འདོད་མོས་བཞིན་མཁན་ཆེན་དགེ་འདུན་རྒྱ་མཚོ་བླ་མར་གནང་། དེ་ནས་བཟུང་མཁན་ཆེན་ན་རིམ་གྱིས་འཛིན་སྐྱོང་མཛད། སྒ་རུ་ལྷ་བཟོའི་རྒྱུད་འཛིན་གྱི་ལྷ་རིས་མང་། ཕྱིས་སུ་བིས་ཏང་དཔལ་ལྡན་གྱིས་བྱམས་སྐུ་དང་། ལོགས་བྲིས་ལ་གནས་བཅུ་རྣམ་ཐར་སོགས་བཞེངས།